dark_mode
Tuesday, 03 December 2024

The National Assembly will be in recess from 2-4 December 2024.

སྤྱི་ཚོགས་སྒྲིང་ཁྱིམ།

འབྲུག་རྒྱལ་ཁབ་ཀྱི་སྤྱི་ཚོགས་སྒྲིང་ཁྱིམ་དེ་ ཐིམ་ཕུག་ བཀྲ་ཤིས་ཆོས་རྫོང་གི་གདོང་ཕྱོགས་ ཝང་ཆུའི་གཡོན་འགྲམ་ལུ་ ཆགས་ཏེ་ ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་འདུ་ཁང་ཨིན་མི་ སྤྱི་ཚོགས་སྒྲིང་ཁྱིམ་རྒྱལ་ཡོངས་ཚོགས་ཆེན་མོ་འདི་ རྒྱལ་ས་ལྟེ་བ་ལུ་ དེང་སང་གི་ གཞི་བཀོད་ཀྱི་ཐོག་ལས་རྐྱབ་པའི་སྒྲིང་ཁྱིམ་ སྦོམ་ཤོས་ཅིག་ཨིན། རྒྱུ་ཆས་རྡོ་དང་ཤིང་གིས་ རང་ལུགས་བཟོ་བཀོད་ མགོ་རྙོག་ཅན་གྱི་ ཁྱད་རྣམ་ཐོག་ལུ་རྐྱབ་ཡོད་པའི་ གྲུ་བཞི་དཀྱུས་རིང་དབྱིབས་ཅན་ གཞི་བཀོད་དེའི་ཟུར་བཞི་ལུ་ ཀ་ཆེན་ཚུ་ཡོད་པའི་ནང་འཁོད་ རྡོ་རུ་བླུགས་པའི་རྡོ་བཅལ་ཅིག་ཡོད། ས་ཐོག་གི་ཐོག་ཆའི་ས་ཁོངས་རྒྱ་ཆེ་ཤོས་ཅིག་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་དང་ སྐུ་ཆེནམོ་ རྒྱལ་ཁབ་གཞན་གྱི་སྐུ་ཚབ་ཚུ་ དེ་ལས་ མི་མང་གི་བཞུགས་གནས་ལུ དམིགས་གཏད་བསྐྱེད་པའི་ མཛེས་ཆ་ཅན་གྱི་རྒྱལ་ཡོངས་ཚོགས་ཁང་ཆེན་མོ་ཨིན།

སྤྱི་ཚོགས་སྒྲིང་ཁྱིམ་འདིའི་ནང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དང་ ཡོངས་ཁྱབ་དྲུང་ཆེན་ཡིག་ཚང་ཚུ་གིས་ མ་ཚད་པར་ བློན་ཆེན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ ཕྱི་འབྲེལ་ལྷན་ཁག་གི་ཡིག་ཚང་ཚུ་ཡང་ཡོད།