dark_mode
Tuesday, 03 December 2024

The National Assembly will be in recess from 2-4 December 2024.

ཕྱག་འགན།

ཚོགས་འདུ་ལུ་ ཁྲིམས་བཟོ་དང་ ངོ་ཚབ་ དེ་ལས་ འཛོལ་བ་དང་འབྲེལ་བའི་ཕྱག་འགན་ཚུ་ཡོདཔ་ཨིན།

གྲོས་འཆར་ཅན་གྱི་ཁྲིམས་ཡིག་མང་ཤོས་ཅིག་ རྒྱལ་ཡོངས་ཚོགས་འདུ་ལས་འབྱུངམ་ཨིན། ཁྲིམས་བཟོའི་གཙུག་སྡེ་གཙོ་བོ་ཅིག་ འབདཝ་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ ཁྲིམས་ཡིག་ཚུ་གི་ཐོག་ལུ་ གསུང་གྲོས་དང་ འཕྲི་སྣོན་ ཆ་མེད་ དེ་ལས ཆ་འཇོག་ཚུ་མཛད་གནངམ་ཨིན། འཛིན་སྐྱོང་ལྷན་སྡེ་གཞུང་གིས་ ངོ་སྤྲོད་ཕུལ་བའི་དཔྱད་ཡིག་ཚུ་གིས་མ་དོ་བར་ ངོ་རྐྱང་ འཐུས་མི་ཚུ་གིས་ཡང་ ཁྲིམས་ཡིག་རྩོམ་སྒྲིག་འབད་ཆོག།

སྤྱི་ཚོགས་ནང་ ཁྲིམས་ཡིག་དང་ སྲིད་བྱུས་ཚུ་བཀོད་སྒྲིག་དང་ གསུང་གྲོས་ཚུ་གནང་པའི་སྐབས་སུ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ མི་སེར་གྱི་ངོ་ཚབ་སྦེ་ རང་སོའི་ཚ་གྱང་ཚུ་ཞུཝ་ཨིན། དེ་མ་ཚད་ འཐུས་མི་ཚུ་གིས་ དུས་ཐོག་འདེམས་ཁོངས་ ལྟ་སྐོར་འབད་ཐོག་ལས་ མི་སེར་ཚུ་ལུ་ སྤྱི་ཚོགས་ཀྱི་གྲོས་ཆོད་དང་ གཞུང་གི་གོང་འཕེལ་དང་འབྲེལ་བའི་ལས་རིམ་ཚུ་གི་ སྐོར་ལས་ གོ་བརྡ་སྤྲོདཔ་ཨིན།

མི་དམངས་ཀྱི་མ་དངུལ་ཚུ་ ངེས་བདེན་ དམིགས་གཏད་ཅན་གྱི་དགོས་དོན་ཚུ་ལུ་ལག་ལེན་འཐབ་བཅུག་ཐབས་ལུ་ ཚོགས་འདུ་གིས་ གཞུང་གི་བློན་པོ་ཚུ་ལུ་དྲི་བ་བཀོད་དེ་ འཛོལ་བ་དང་འབྲེལ་བའི་གནད་དོན་ཚུ་ ལྟ་རྟོག་འབད་དེ་ བསྟར་སྤྱོད་གནངམ་ཨིན། དེ་མ་ཚད་ ཚོགས་འདུ་གིས་ འཛོལ་བ་ལྟ་རྟོག་འབད་མི་གཙུག་སྡེ་གཞན་ རྒྱལ་གཞུང་ རྩིས་དབང་འཛིན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཚུ་དང་གཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལས་ གཞུང་གིས་ ཕྱག་ལཱ་མཛད་ཐངས་ལུ་ ལྟ་རྟོག་འབདཝ་ཨིན།