Dark Mode
Monday, 17 June 2024

Welcome to the National Assembly of Bhutan website.

ཚོགས་དཔོན།

རྒྱལ་ཡོངས་འདུའི་ཚོགས་དཔོན་དེ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ བཙག་འཐུ་འབདཝ་ཨིན།

ཚོགས་དཔོན་གྱིས་ རྒྱལ་ཡོངས་འདུའི་འགོ་འཁྲིད་འབད་ཐོག་ལས་ ཚོགས་འདུ་ཆེན་མོའི་བཅའ་ཡིག་དང་འཁྲིལ་བའི་ བྱ་རིམ་ཚུ་ བསྟར་སྤྱོད་འབད་ནི་དང་ རྒྱལ་ཡོངས་ཚོགས་འདུ་ལས་ཆ་འཇོག་གྲུབ་པའི་དཔྱད་ཡིག་ཚུ་གུ་མཚན་རྟགས་བཀོད་ནི་ དེ་ལས་ འབྲུག་རྒྱལ་པོ་མཆོག་དང་ འཛིན་སྐྱོང་ལྷན་སྡེ་ དེ་ལས་ དྲང་ཁྲིམས་ལྷན་སྡེ་ཚུ་དང་གཅིག་ཁར་ སྤྱི་ཚོགས་ཀྱི་སྐུ་ཚབ་ཕྱག་འགན་ བཞེས་ནི་དང་ སྤྱི་ཚོགས་ནང་འཁོད་ལུ་ མཐུན་འབྲེལ་གཞི་བཙུགས་གནང་ནི་དེ་ཨིན།

ཚོགས་དཔོན་གྱིས་ ཡིག་ཚང་གི་འགན་དབང་རྩིས་མ་ལེན་པའི་ཧེ་མར་ མནའ་ཆུ་འཐུང་སྟེ་ ཁས་བླངས་དམ་བཅའ་ཕུལཝ་ཨིན།

ཚོགས་དཔོན་གྱིས་ བློན་ཆེན་དང་ འབྲུག་གི་ཁྲིམས་སྤྱི་བློན་པོ་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ དེ་ལས་ ལྡོག་ཕྱོགས་ འགོ་ཁྲིདཔ་ཚུ་དང་གཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ རྒྱལ་གཞུང་ རྩིས་ཞིབ་དབང་འཛིན་བཅས་ རྩ་ཁྲིམས་ཅན་གྱི་གོ་གནས་འཆང་མི་ཚུའི་ འདེམས་ངོ་བཏོན་ནིའི་འགན་ཁུར་ཡང་འབག་དགོ།