Dark Mode
Saturday, 27 April 2024

Welcome to the National Assembly of Bhutan's website.

དྲུང་ཆེན་ཡིག་ཚང་།


རྒྱལ་ཡོངས་ཚོགས་འདུ་དང་ འཐུས་མི་ཚུ་གིས་ རྒྱུན་སྐྱོང་གི་ལཱ་ཚུ་ བར་ཆད་དང་དཀའ་ངལ་ག་ནི་ཡང་མེད་པར་ རྒྱུན་སྐྱོང་ཚུགས་ཐབས་ལུ་ ཁྱད་རིག་དང་ དྲུང་ཆེན་ཡིག་ཚང་དང་འབྲེལ་བའི་ཞབས་ཏོག་ཚུ་མཁོ་སྤྲོད་འབད་མི་ དྲུང་ཆེན་ཡིག་ཚང་ཅིག་གིས་ རྒྱབ་སྐྱོར་འབདཝ་ཨིན། 

དྲུང་ཆེན་ཡིག་ཚང་ལུ་ སྡེ་ཚན་བཞི་ཡོདཔ་ལས་ དྲུང་ཆེན་སྡེ་ཚན་དེ་གིས་ འཆར་གཞི་བརྩམ་ནི་དང་ འཛིན་སྐྱོང་ཚུ་འཐབ་ ཐོག་ལས་ སྤྱིར་བཏང་བདག་སྐྱོང་དང་ དངུལ་རྩིས་ དེ་ལས་ མི་སྟོབས་ཀྱི་འགན་ཁུར་འབགཔ་ཨིན།

བརྡ་དོན་དང་ བརྒྱུད་འབྲེལ་སྡེ་ཚན་གྱིས་ བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་དང་ དཔེ་མཛོད་ གཏན་མཛོད་ དཔར་སྐྲུན་ བརྡ་བརྒྱུད་དང་ བརྒྱུད་འབྲེལ་གྱི་ཞབས་ཏོག་ཚུ་མཁོ་སྤྲོད་འབདཝ་ཨིན། དེ་མ་ཚད་ སྡེ་ཚན་འདི་གིས་ མི་མང་མཐུན་འབྲེལ་ ལས་སྣ་དང་ མི་མང་ལུ་གོ་བ་བརྡ་སྤྲོད་དང་ ཤེས་ཡོན་སྤྲོད་ནི་དང་འབྲེལ་བའི་ལས་རིམ་ཚུ་ཡང་ འཛིན་སྐྱོང་འཐབ་ཨིན།

ཁྲིམས་དོན་དང་བྱ་རིམ་སྡེ་ཚན་གྱིས་ འཆར་གཞི་བརྩམ་ནི་དང་ ཚོགས་རིམ་འགོ་འདྲེན་འཐབ་ནི་ དེ་ལས་ ཚོགས་ཆུང་ ཞལ་འཛོམས་ཚུ་ལུ་ ལྷན་ཐབས་ཕན་གྲོགས་འབད་དེ་ དཔྱད་ཡིག་དང་གྲོས་ཆོད་ཚུ་ རྩ་ཁྲིམས་དང་མཐུན་མི་མཐུན་བལྟ་ནི་དང་ རྒྱལ་སྤྱིའི་ལྷན་འཛོམས་དང་ ཆིངས་ཡིག་ དེ་ལས་ གན་ཡིག་ཚུ་གིས་ ཁྲིམས་འབྲེལ་གནད་དོན་ཚུ་ལུ་ ཁྱད་རིག་གི་བསླབ་སྟོན་ འབད་ནིའི་ འགན་ཁུར་ཚུ་འབགཔ་ཨིན། 

ཟིན་འགོད་དང་ ཞིབ་འཚོལ་སྡེ་ཚན་གྱིས་ ཞིབ་འཚོལ་དང་ ལྷད་མེད་ཡིག་རིགས་ སྐད་སྒྱུར་ རྩོམ་སྒྲིག་ དེ་ལས་ དོར་ཁ་བསྒྱུར་ནིའི་ལས་དོན་ཚུ་གི་འགན་ཁུར་འབགཔ་ཨིན། དེ་མ་ཚད་ སྡེ་ཚན་འདི་གིས་ ཚོགས་རིམ་གྱི་དོན་ལུ་ གྲོས་གཞི་ བསྡུ་སྒྲིག་དང་ བཀྲམ་སྤེལ་ རྩོད་བསྡུར་ཚུ་ཡིག་ཐོག་བཀོད་ནི་དང་ ཞིབ་འཚོལ་ཡིག་ཆ་དང་ དུས་དེབ་ཁག་ འབྲུག་རྒྱལ་པོའི་ བཀའ་རྒྱ་ གསུང་བཤད་གལ་ཅན་ དེ་ལས་ གཞན་ཡང་ འབྲེལ་ཡོད་ཡིག་ཆའི་རིགས་སྐད་སྒྱུར་འབདཝ་ཨིན།