Dark Mode
Saturday, 27 April 2024

Welcome to the National Assembly of Bhutan's website.

འདས་པའི་ཚོགས་དཔོན།


སྤྱི་ལོ་༡༩༥༣ ལུ་ ཚོགས་འདུ་ ཡང་ན་ རྒྱལ་ཡོངས་ཚོགས་འདུ་དབུ་བཙུགས་གནང་ཞིནམ་ལས་ཚུར་ ད་ལྟོ་ཚུན་ཚོད་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་༡༦ སོང་ཡོདཔ་དང་ ཚོགས་དཔོན་གསུམ་གྱིས་ གནས་ཡུན་གཉིས་རེ་ ཕྱག་ཞུ་ཡོད་མི་ ཚུ་བརྩིས་དེ་ སྤྱི་ལོ་༢༠༠༧ ལུ་ཧྲམ་བཏང་བའི་ ཧེ་མའི་ཚོགས་འདུའི་ཚོགས་དཔོན་༡༣ བྱོན་ནུག། རིན་སྤུངས་རྫོང་ཚབ་ དྲག་ཤོས་སྐལ་བཟང་ཟླ་བ་དེ་ ཚོགས་དཔོན་དང་པ་ཨིནམ་ད་ ཚོགས་འདུའི་ཚོགས་དཔོན་མཇུག་དེ་ར་ དྲག་ཤོས་ཨྱོན་རྡོ་རྗེ་གིས་ ཚོགས་དཔོན་༡༢ པ་དང་ ༡༣ པ་འབད་ཕྱག་ཞུ་ནུག། ཚོགས་དཔོན་༡༠ པ་ དྲག་ཤོས་པ་སངས་ཀྱིས་ ལོ་ངོ་༩ ཕྱག་ཞུ་ཡོདཔ་ལས་ མཐོ་ཤོས་ཅིག་ཨིན་པས།

སྤྱི་ལོ་༢༠༠༨ ལས་ སྤྱི་ཚོགས་ཅན་གྱི་ལམ་ལུགས་གསར་པའི་འོག་ལུ་ འབྲུག་ཕུན་སུམ་ཚོགས་པའི་ དྲག་ཤོས་ འཇིགས་མེད་ ཚུལ་ཁྲིམས་ཀྱིས་ བཙགས་འཐུ་གྲུབ་པའི་སྤྱི་ཚོགས་དང་པའི་ཚོགས་དཔོན་དང་ མི་སེར་དམངས་གཙོ་ཚོགས་པའི་ འཇིགས་མེད་ བཟང་པོ་དེ་ ཚོགས་དཔོན་གཉིས་པ་ཨིན།