Dark Mode
Saturday, 27 April 2024

Welcome to the National Assembly of Bhutan's website.

སྤྱིར་བཏང་མཐོང་སྣང་། 

རྒྱལ་ཡོངས་ཚོགས་འདུ་ལུ་ ཚོགས་འདུའི་ཕྱག་འགན་དང་འབྲེལ་བའི་གནད་དོན་ཚུ་ རྒྱས་བཤད་ཀྱི་ཐོག་ལས་ཞིབ་འཇུག་ འབད་དགོཔ་ཡོད་མི་ཚུ་དང་ ཕྱག་འགན་ཚུ་ དོན་སྨིན་ཅན་གྱི་ཐོག་ལས་བསྣམ་ནི་ལུ་ ཞིབ་རོགས་འབད་མི་ འཐུས་མིའི་ སྡེ་ཚན་ཆུང་བའི་ ཚོགས་ཆུང་མང་རབས་ཅིག་ཡོད།

ཚོགས་འདུ་གིས་ ཚོགས་ཆུང་དེ་ཚུ་བརྒྱུད་ཐོག་ལས་ གཞུང་གི་ལས་ཚབ་ཚུ་ལས་ འབྲེལ་ཡོད་བརྡ་དོན་དང་ མཁས་མཆོག་ ཚུ་ལས་གྲོས་སྟོན་བསླབ་བྱ་ཚུ་ལེནམ་ཨིན། ཚོགས་ཆུང་ཚུ་གིས་ གྲོས་འཆར་ཅན་གྱི་གནད་དོན་ཚུ་ ཉན་བསམ་དང་ གྲོས་བསྟུན་ རྒྱས་ཤིང་རྒྱསཔ་སྦེ་འབདཝ་ཨིན།

ཚོགས་ཆུང་ཚུ་གིས་ གཞུང་གི་མ་དངུལ་ཟད་རྩིས་ཚུ་ལུ་ ལྟ་རྟོག་འབད་ཆོག་པའི་ཁར་ གཞུང་ ཡང་ན་ མི་མང་ ཞབས་ཏོག་ཚུ་དང་འབྲེལ་བའི་ འགན་འཁྲི་ཚུ་ཡང་འབག་དགོཔ་སྦེ་ཞུ་ཆོག།

ཚོགས་ཆུང་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ ལྷག་པར་དུ་ སྲིད་བྱུས་དང་ ཁྲིམས་བཟོ་དང་ འབྲེལ་བའི་གནད་དོན་ཚུ་ལུ་ དམིགས་བསལ་གྱི་དང་འདོད་དང་ མཁས་རྩལ་ཚུ་སྟོན་དགོ་པའི་ བརྒྱུད་བསྐུལ་དང་ ཕན་གྲོགས་ཚུ་འབདཝ་ཨིན།